ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་དང་པོ་བསྡུས་པ།

ཟླ3པའི་ཚེས26ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་དང་པོ་བསྡུས། ཁྱབ་སྒྲོག་ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགན་འཁྲི་བློ་མཐུན་གདན་དྲངས་ནས་རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་སྒྲོག་སྤེལ་བྱས། དེ་ནི་རང་ཞིང་གིས་གསར་འགྱུར་ཁྱབ་སྒྲོག་གི་རྣམ་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་དང་བྱེད་སྟངས་སྨྱན་བྱད་ལ་སྒྲོག་སྤེལ་བྱས་ཐེངས་དང་པོ་རེད།

ཁྱབ་སྒྲོག་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་གསར་འགྱུར་གནད་བསྡུས་ཚན་ཆུང་གི་ཚན་གཙོ་ཀུང་པོ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཀའོ་པོ་ཡིས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྤྱིའི་བཀོད་སྒྲིག་གི་གནས་ཚུལ་དང་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་བྱ་བ་བཀོད་སྒྲིག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས། གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ལ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་ལིའུ་ཝེ་ཡིས་མགོ་འཛིན་བྱས།

གསར་འགོད་པས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་ཧྲིལ་པོའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ། ཧ་ལམ་དུས་རིམ་གསུམ་དུ་བགོས་ཡོད་པ་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་འདུ་ནས“བདུན་གཅིག”གི་རྟེན་འབྲེལ་ཚོགས་ཆེན་བར་དུས་རིམ་དང་པོ་དང་། “བདུན་གཅིག”གི་རྟེན་འབྲེལ་ཚོགས་ཆེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བར་དུས་རིམ་གཉིས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་སྤྱི་བསྡོམས་ཚོགས་ཆེན་བར་དུས་རིམ་གསུམ་པ་བཅས་ཡིན་ཞིང་། དུས་རིམ་སོ་སོར་སློབ་སྦྱོང་གི་ནང་དོན་གཙོ་བོ་དང་བྱེ་བྲག་གི་ལས་འགན་བླང་བྱ་གཏན་འཁེལ་བྱས་ཡོད། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང12བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8དང་། ཞིང་ཆེན་རིམ་པའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན92ལ་སྐུལ་འདེད་དང་མཛུབ་སྟོན་བྱ་བ་སྤེལ།

མིག་སྔར། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ཁྱོན་ཡོངས་ནས་སྤེལ་བ་དང་རིམ་བཞིན་གཏིང་ཟབ་ཏུ་གཏོང་གིན་འདུག ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དེ“སློབ་ཁྲིད་དང་པོ”རུ་བརྩི་བ་དང་། གཅིག་བསྡུས་ཀྱིས་སློབ་སྦྱོང་དང་བགྲོ་གླེང་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་མགོ་རྩོམ་པར་སྐུལ་འདེད་བཏང་། །