ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ནག་འཇོམས་ངན་སེལ་སྤེལ་བའི་སྐབས་སུ།

མཚོ་སྔོན་གྱིས་ནག་འབྲེལ་ངན་འབྲེལ་གྱི་དོགས་ཡོད་ཉེས་ཅན1706བཟུང་བ་དང་གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར10.53སྒོ་རྒྱ་ཐེལ་གནོན་དང་བཀག་ཉར་བྱས་པ།

མཚོ་སྔོན་གྱིས་ནག་འབྲེལ་ངན་འབྲེལ་གྱི་དོགས་ཡོད་ཉེས་ཅན1706བཟུང་བ་དང་གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར10.53སྒོ་རྒྱ་ཐེལ་གནོན་དང་བཀག་ཉར་བྱས་པ།

ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ནག་འབྲེལ་ངན་འབྲེལ་གྱི་ཚོགས་པ127གཏོར། དེའི་ཁྲོད། ནག་འབྲེལ་ཚོགས་པ6དང་སྟོབས་ཤུགས་ངན་པའི་ཉེས་ཅན་ཚོགས་སྡེ44དང་། སྟོབས་ཤུགས་ངན་པའི་ཉེས་ཅན་ཚོགས་པ77དང་། བསྡོམས་པས་ནག་འབྲེལ་ངན་འབྲེལ་གྱི་དོགས་ཡོད་ཉེས་ཅན1706འཛིན་བཟུང་བྱས་ལ། གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར10.53སྒོ་རྒྱ་ཐེལ་གནོན་དང་བཀག་ཉར་བྱས། དེར་བརྟེན་ཉེས་དོན་གྱོད་གཞི1333རྩད་གཅོད་བྱས་པ་དང་། མི1383ཉེས་དོན་བཀག་ཉར་བྱས། ཁྱོན་བསྡོམས་ངན་འབྲེལ་རིགས་དགུའི་གྱོད་དོན1355མྱུལ་ཞིབ་གྱོད་སྒྲུབ་དང་མི2264ཉེས་དོན་བཀག་ཉར་བྱས།

2019ལོའི་ཟླ11པར། ཞིང་ཆེན་སྤྱི་བདེ་ཐིང་གིས་བྱ་དགའ་བྱིན་ནས་ངན་འབྲེལ་ནག་འབྲེལ་གྱི་ནག་ཉེས་ཚབས་ཆེན་བྲོས་བྱོལ་མི་སྣ31འཛིན་བཟུང་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 2020ལོའི་ཟླ11པའི་ཚེས17ཉིན། མཇུག་མཐའི་བྲོས་བྱོལ་ཉེས་ཅན་ཏིའོ་ཡུང་ཧྥུ་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ནས་འཛིན་བཟུང་བྱས་པ་དང་བསྟུན་ནས། བྱ་དགའ་བྱིན་ནས་འཛིན་བཟུང་བྱེད་རྒྱུ་ཡོངས་བསྒྲགས་བྱས་པའི་ནག་ཚོགས་དོགས་ཡོད་ཉེས་ཅན་བྲོས་བྱོལ་མི་སྣ་ཚང་མ་འཛིན་བཟུང་བྱས། དེས་མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་གྱི“བྲོས་བྱོལ་མི་སྣ་གཙང་སེལ”འགུལ་སྐྱོད་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པ་མཚོན། དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་སྦྲེལ་ཐག་བྱས་ཏེ། མེ་མདའ་དང་འབར་གས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་ཤུགས་ཡོད་རྒུས་རྡུང་རྡེག་དང་ལེགས་བཅོས་གཏོང་བའི་ཆེད་དམིགས་འགུལ་སྐྱོད་སྤེལ། ལོ་གསུམ་གྱི་རིང་ལ། བསྡོམས་པས་མེ་མདའ་དང་འབར་གས་ཀྱི་གྱོད་དོན68རྩད་གཅོད་བྱས་པ་དང་། རིགས་མི་འདྲ་བའི་ཁྲིམས་འགལ་མེ་མདའ3783དང་། མདེའུ་ཁྲི25ལྷག འགད་རྫས་སྤྱི་རྒྱ3200ལྷག མེ་འདྲེན་སྦུ་གུ་ཁྲི3ལྷག རྩིས་སྤྲོད་དོ་དམ་བྱེད་དགོས་པའི་གྲི་ཆས་ཁྲི1.7ལྷག ཐག་རིགས་འགད་རྫས་སྨི་ཁྲི1.6ལྷག ཉེན་ཁ་ཆེ་བའི་འབར་གས་བཟོ་སླ་བའི་རྫས་འགྱུར་དངོས་པོ་སྤྱི་རྒྱ215བཅས་རྩིས་ལེན་བྱས།

ད་ལོའི་ལོ་སྟོད་ལ་རྒྱལ་ཡོངས་ནག་འཇོམས་གཞུང་ལས་ཁང་གིས་ཞིང་ཆེན31(ལྗོངས། གྲོང་ཁྱེར།)གི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ལ་མང་ཚོགས་ཡིད་ཚིམ་ཚད་དཔེ་འཐེན་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ལ་ཡིད་ཚིམ་ཚད97.37%ཡིན་ལ། རྒྱལ་ཡོངས་ཀྱི་ཨང་གཉིས་པ་རེད། །