ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི(དཔྱད་འབྲས)དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི(དཔྱད་འབྲས)དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

2020ལོའི་ཟླ12པའི་ཚེས23ཉིན། ཧྲེང་ཀྲང་ངམ་ཞིང་ཆེན་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་མགོ་མཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་འགན་འཁྲི(དཔྱད་འབྲས)དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། 2020ལོའི་དཔྱད་ཞིབ་ཀྱི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཅེ་ཞང་དང་ཝང་ཡུས་ཡན། ཡུས་ཚུང་ལེ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ཀྱིས་བསྟན་དོན། 2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་བའི་ལོ་ཡིན་པ་དང་། “ལྔ་བཅུ་གསུམ”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱིས་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གནོད་པ་ཚབས་ཆེན་ཐེབས་པས། རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་ཉམས་སད་དྲག་པོ་ཐེག་པར་བྱས། ཁྱོན་ཡོངས་དཔྱད་ཞིབ་ཀྱི་ལས་འགན་ཅུང་ལྕི་བས། དཔྱད་ཞིབ་ནན་མོ་བྱེད་པའི་བླང་བྱ་སྔར་ལས་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་འགན་འཁུར་བ་དང་རྒྱ་ཆེའི་ལས་བྱེད་པར་འགན་འཁུར་བ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོའི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་གཏོང་བ་དང་། དཔྱད་ཞིབ་ཇུས་གཞི་ཞིབ་ཚགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཚན་ཆུང་བགོ་བ་དང་དམིགས་ཚད་ཇེ་ལེགས་སུ་གཏོང་བ། འཆར་འགོད་བཟང་པོ་བྱེད་པ་དང་རྩ་འཛུགས་བཟང་པོ་བྱེད་པ་བཅས་ཀྱིས། 2020ལོའི་དཔྱད་ཞིབ་ལེགས་པོར་སྤེལ་ནས། དཔྱད་ཞིབ་ཀྱི་འདྲ་མཉམ་རང་བཞིན་དང་དྲང་གཞག་རང་བཞིན་མངོན་པ་དང་། དཔྱད་ཞིབ་ཀྱི་དྲང་ཕྱོགས་ཀྱི་སྐུལ་སློང་ནུས་པ་འདོན་སྤེལ་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། 《ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག》ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་སྐབས་སྤེལ་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་ལྟར། 《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱེད་དགོས། མཚོ་སྔོན་གྱི་གནས་ཚུལ་དངོས་དང་འབྲེལ་ནས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་འབུར་དུ་ཐོན་པར་བྱེད་པ་དང་། ཕྱོགས་བསྡུས་སྒོས་ལྟ་ཞིབ་དང་རྩིས་བཤེར། ལྟ་སྐུལ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱས་ཏེ། སྟབས་བདེ་དང་ལག་བསྟར་བྱེད་ཆོག་པ། བཀོལ་སྤྱོད་ཡག་པོ་བྱེད་ཆོག་པའི་དཔྱད་ཞིབ་བྱེད་ཐབས་ཆགས་སུ་བཅུག་ནས། རྒྱུན་ལྡན་རང་བཞིན་གྱི་དཔྱད་ཞིབ་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱུན་ལྡན་གྱི་དཔྱད་ཞིབ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། དཔྱད་ཞིབ་བྱ་བར་ཁྲིད་ཕྱོགས་གསལ་བ་དང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པས། 2021ལོའི་དཔྱད་ཞིབ་བྱ་བར་གཅིག་གྱུར་འཆར་འགོད་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི《སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་འབྲས་དཔྱད་ཞིབ་ལེགས་སྒྱུར་བྱེད་པའི་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར། རྒྱལ་ཁབ་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་བླང་བྱ་དང་དམིགས་ཚད་མ་ལག་ལ་དཔེ་བསྡུར་བྱས་ནས། སྔ་མོ་ནས་འཆར་འགོད་བྱེད་པ་དང་ཞིབ་འཇུག་གསལ་ཞིབ་བྱེད་པ། རང་ཞིང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དཔྱད་ཞིབ་ཕྱོགས་བསྡུས་གདེང་འཇོག་དམིགས་ཚད་མ་ལག་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ཀྱི་བཀོད་འདོམས་ནུས་པ་དང་ཕྱོགས་སྟོན་ནུས་པ། སྐུལ་འདེད་ཀྱི་ནུས་པ་བཅས་དངོས་གནས་འདོན་སྤེལ་གང་ལེགས་བྱེད་དགོས། །