ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རུ་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།

གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་གི་ཆེད་དུ“གཏན་དུ་མི་འགྲོ་བའི་བྱ་བའི་རུ་ཁག”ལེགས་པོ་འཛུགས་དགོས།

ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རུ་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།

གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་གི་ཆེད་དུ“གཏན་དུ་མི་འགྲོ་བའི་བྱ་བའི་རུ་ཁག”ལེགས་པོ་འཛུགས་དགོས།

ཟླ1པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་སློབ་སྟོན་དང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་དོན་ཆེན་པོ་འདི་ལེགས་པོར་སྒྲུབ་དགོས་ན་གནད་འགག་ནི་སྣེ་འདྲེན་པ་ལེགས་པོར་འདེམས་པ་དང་རྒྱུན་ལེགས་པོར་མཐུད་དེ་སྤུས་ཚད་མཐོ་བའི་སྒོ་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་བྱ་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་གི་ཆེད་དུ“གཏན་དུ་མི་འགྲོ་བའི་བྱ་བའི་རུ་ཁག”ལེགས་པོ་འཛུགས་དགོས།

ཝུའུ་ཧྥེང་གྲོང་རྡལ་ཧོའུ་ཐོའུ་ཀོའུ་གཞན་སར་གནས་སྤོ་སྡེ་གསར་ནས་ཝང་ཅན་ཅུན་གསར་དུ་བདམས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀྲི་པུའུ་ཨུ་ཡོན། ཏང་ཡོན་རྒན་པ། སྡེ་བའི་ལས་བྱེད་པ། ཚགས་བཙུགས་བྱང་སྒྲིག་ཁྱིམ་ཚང་གི་ཚབ་པ་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་ཁག་གི་མི་སྣ་བཅས་དང་ལྷན་དུ་བསྡད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་ཚང་མར་བསམ་ཚུལ་བརྗེ་རེས་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། འདི་ནི་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་སེམས་ཀྱི་རེ་སྒུག་ཡིན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ལེགས་པོ་བྱེད་དགོས་པ་གསལ་པོར་བཏོན་ཡོད་པས། ཞིང་པ་མང་ཚོགས་ཀྱི་ཡིད་ཆེས་དང་རྩོལ་ཤུགས་ཆེས་ཆེར་སྐུལ་སློང་བྱས་ཡོད། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་དེ་སྤུས་ཚད་མཐོན་པོ་དང་ལས་ཕྱོད་མཐོན་པོ་ཡོང་བ་དང་། གྲོང་གསེབ་དེ་གནས་སྡོད་ལས་འཚམ་ཡོང་བ། ཞིང་པ་འབྱོར་ཕྱུག་ལྡན་པར་སྐུལ་བ་བཅས་ནན་གྱིས་བསྟན་པ་ནི་ཞིང་པ་མང་ཚོགས་ཀྱི་སེམས་ཀྱི་ཟབ་སར་ཟུག་པའི་སྐད་ཆ་རེད།གྲོང་གསེབ་དར་སྤེལ་གཏོང་དགོས་ན་མི་ནི་གནད་འགག་ཡིན་ལ། མི་དར་སྤེལ་གཏོང་དགོས་ན་སློབ་སྦྱོང་ཨང་དང་པོར་འཛིན་དགོས་ཤིང་། སློབ་སྦྱོང་ཁྲོད་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་དང་ཏང་གི་སྲིད་ཇུས་ཁོང་དུ་ཆུད་པ། སྡེ་མིའི་འདོད་བློ་དང་རེ་སྒུག་ལ་རྒྱུས་ལོན་བཅས་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཐོན་ལས་དར་སྤེལ་གཏོང་བ་ནི་འདེགས་སྐྱོར་ཡིན་ལ། ཐོན་ལས་འཕེལ་རྒྱས་གཏོང་བ་བརྒྱུད་མི་རེ་རེར་ལས་ཀ་ལས་རྒྱུ་ཡོད་པ་དང་སྒོར་མོ་འཚོལ་རྒྱུ་ཡོད་པར་བྱེད་ཅིང་། ཚང་མ་ཕྱུག་པོར་གྱུར་ན་ད་གཟོད་ཕྱུག་པོ་ཡིན། གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཡུལ་སྲོལ་དཔལ་ཡོན་ནི་འཛིན་ཐག་ལྟ་བུ་ཡིན་ལ། ཁྱིམ་སྲོལ་བཟང་པོ་གསོ་སྐྱོང་བྱེད་པ་དང་། ཁྱིམ་སྲོལ་ལ་བརྟེན་ནས་དམངས་སྲོལ་ལ་སྐུལ་འདེད་གཏོང་བ། དམངས་སྲོལ་ལ་བརྟེན་ནས་ཡུལ་སྲོལ་དར་སྤེལ་གཏོང་བ་དང་། དཔལ་ཡོན་བདེ་ཐང་གི་འཚོ་བ་རོལ་སྟངས་དར་སྤེལ་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་དགོས་ན་བསམ་པའི་རྣམ་པ་ནི་གཞི་རྩ་ཡིན་ལ། ལས་ལ་བརྩོན་ཞིང་ཕྱུག་འགྱུར་གྱི་སྙིང་སྟོབས་ལྡན་པ་དང་། རང་སྟོབས་རང་སྤེལ་གྱི་ནང་སྐྱེད་ནུས་ཤུགས་སྐུལ་སློང་བྱས་ཏེ། རང་འགུལ་སྒོས་གྲོང་གསེབ་དར་སྤེལ་གྱི་དམག་འཐབ་གཙོ་བོའི་ནང་ཞུགས་དགོས། གྲོང་གསེབ་དར་སྤེལ་གཏོང་དགོས་ན་བསམ་བློ་བརྗེ་རེས་དང་མཉམ་འདྲེས་བྱེད་པ་ནི་ཐེག་བྱད་ཡིན་ལ། ཕྱི་རུ་སོང་ནས་སློབ་སྦྱོང་དང་ཉམས་མྱོང་ལེན་པ་དང་། འདུ་ཤེས་དང་བྱེད་ཐབས་ནང་འདྲེན་བྱས་ཏེ། སྔོན་ཐོན་ཉམས་མྱོང་དེ་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་བསམ་བློའི་ཁ་གཏད་འཇལ་ཐབས་སུ་བསྒྱུར་དགོས། གྲོང་གསེབ་དར་སྤེལ་གཏོང་དགོས་ན་སློབ་གསོར་ཤུགས་རྒྱག་པ་ནི་གཞི་གནས་ཡིན་ལ། དྲིན་གཟོའི་སློབ་གསོར་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་རྒྱག་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་སློབ་གསོར་ཤུགས་རྒྱག་པ། ཏང་གཤིས་སློབ་གསོར་ཤུགས་རྒྱག་པ་བཅས་ཀྱིས་གྲོང་གསེབ་དར་སྤེལ་ཡོང་བར་དྲང་ནུས་གཅིག་སྡུད་བྱེད་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མགོ་ཁྲིད་ཚན་ཁག་གསར་པས་ལས་འགན་གསར་པ་ཕྲག་ཏུ་ཁུར་ཡོད་པས། གྲོང་གསེབ་དར་སྤེལ་གཏོང་བ་ནི་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་རྗེས་ཀྱི་བྱ་བའི་སྤྱིའི་འཛིན་ཐག་ལྟ་བུ་ཡིན། ཁྲིམས་དང་སྒྲིག་སྲོལ་གཞིར་འཛིན་པ་དང་། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བ་ལེགས་སྒྲུབ་བྱས་ཏེ།སྐབས་བརྗེའི་འདེམས་བསྐོའི་རྗེས་ཀྱི་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མིར་སློབ་སྦྱོང་དང་གསོ་སྦྱོང་བྱ་རྒྱུར་རྩ་འཛུགས་ཡག་པོ་བྱེད་པ་དང་། ཏང་ཡོན་དང་སྡེ་མིས“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་བྱ་བར་དཔྱད་གླེང་ནང་རྐྱེན་འཛུགས་དགོས། སྐབས་གསར་པའི་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་གཞུང་དྲང་ཚུལ་མཐུན་དང་སྒེར་སེམས་མེད་པའི་སྒོ་ནས་གསོལ་འབུལ་བྱེད་དགོས་ཤིང་། བསམ་ཚུལ་ཡོད་ལ་བྱེད་ཐབས་ཀྱང་ཡོད་པ་དང་། ལས་ཀ་ལས་ཐུབ་པ་དང་ལས་ཀ་ལེགས་པར་བསྒྲུབས་ནས། ཡུལ་མི་སྤུན་ཟླ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་སྒོས་གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་དུ་བསྐྱོད་དགོས། །