ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》པར་འགྲེམ་བྱས་པ།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད)པར་འགྲེམ་བྱས་པར་མ་ཟད། བརྡ་སྦྱོར་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པའི་བྱང་བྱ་བཏོན།

བརྡ་སྦྱོར་གྱིས་བསྟན་དོན། 2015ལོའི་ཟླ5པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག(ཚོད་སྤྱོད)》གིས། འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་གཞིར་བཟུང་ནས། ཏང་ཀྲུང་དབྱང་གིས་དེར་བཟོ་བཅོས་བརྒྱབ་པ་རེད། ཐེངས་འདིར་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་དོན་འཁྱོལ་བྱེད་པ། ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཇེ་དྲག་ཏུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་སྙིང་སྟོབས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་དུ་བསྒྱུར་བའི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ་བཅས་ནི། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཞི་རྩའི་བརྩི་སྲུང་ཡིན།《སྲོལ་ཡིག》བཟོ་བཅོས་དང་ལག་བསྟར་བྱེད་པ་དེ་ཆེས་ཁྱབ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་ནུས་ཤུགས་ཆེན་པོའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་པས། དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་ཡོད་དགོས་ལ། ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་ཏང་གི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཙོ་གཞིའི་འགན་འཁྲི་དངོས་གནས་ལེགས་པོར་བསྒྲུབ་སྟེ། འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་ལེགས་པོར་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོ་སྤེལ་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་འབྱུང་བར་ཕན་ལྡན་གྱི་ཆ་རྐྱེན་བསྐྲུན་དགོས། 《སྲོལ་ཡིག》སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་དོན་འཁྱོལ་བྱེད་པར་ནན་ཏན་གྱིས་ལེགས་འཛིན་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་འདུ་ཤེས་མཐོར་འདེགས་གཏོང་དགོས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ཏེ། 《སྲོལ་ཡིག》གི་གཏན་འབེབས་སྣ་ཚོགས་ལག་ལེན་དོན་འཁྱོལ་འབྱུང་བར་ཁག་ཐེག་ནན་མོ་བྱེད་དགོས་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་དང་གྲོས་འཆར་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།