ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་སྲོལ་ཡིག》པར་འགྲེམ་བྱས།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་སྲོལ་ཡིག》པར་འགྲེམ་བྱས།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)པར་འགྲེམ་བྱས་པར་མ་ཟད། བརྡ་ཐོ་བཏང་སྟེ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་དང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོ་ཡིས་བསྟན་དོན། 2004ལོའི་ཟླ9པར་ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམ་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་སྲོལ་ཡིག》དེ་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྨང་གཞི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། གནས་བབ་དང་ལས་འགན། བླང་བྱ་གསར་པར་གཞིགས་ནས་ཏང་ཀྲུང་དབྱང་གིས《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ། ཐེངས་འདིར་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཤིང་། ཏང་གི་སྒྲིག་ཡིག་རྩ་བའི་སྲུང་བྱར་འཛིན་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དངོས་འབེབས་བྱེད་པ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་གི་རྩ་དོན་དང་སྤྱིའི་བླང་བྱ་གཏན་འཁེལ་བྱེད་པ། ཏང་གི་སྒྲིག་ཡིག་གཏན་འབེབས་ཀྱི་ཏང་ཡོན་གྱི་ཁེ་དབང་ཞིབ་ཕྲ་བཟོ་བ། འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཏང་གི་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་ལས་འགན་དངོས་གནོན་བྱེད་པ། ཏང་ཡོན་གྱིས་ཁེ་དབང་བེད་སྤྱོད་ཡང་དག་བྱེད་པར་འགན་སྲུང་བཅས་བྱས་ཡོད་པས། ང་ཚོའི་ཏང་གི་མགོ་ཁྲིད་ལམ་ལུགས་ཀྱི་དགེ་མཚན་མངོན་མཚོན་གང་ལེགས་བྱེད་པ་དང་། ཏང་ཡོན་གྱི་གཙོ་གཞིའི་ནུས་པ་འདོན་པ། ཏང་ཡོན་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན།

བརྡ་ཐོ་ཡིས་བླང་བྱ་བཏོན་དོན། རྒྱ་ཆེའི་ཏང་ཡོན་གྱིས་འོས་འགན་དང་ཁེ་དབང་གི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ལ་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་དགོས་ལ། ཁེ་དབང་བཀོལ་སྤྱོད་བྱེད་པར་ངེས་པར་དུ་འོས་འགན་སྒྲུབ་པ་དང་འགན་འཁྲི་འཁུར་བ། སྒྲིག་ཁྲིམས་སྲུང་བ་བཅས་སྔོན་དུ་འགྲོ་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། 《སྲོལ་ཡིག》ལག་བསྟར་གྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་སྦྱོང་དང་དྲིལ་སྒྲོག་ལེགས་པོར་འཛིན་པ། རྒྱུན་ལྡན་རང་བཞིན་གྱི་ཏང་ཡོན་གྱི་འོས་འགན་དང་ཁེ་དབང་གི་སློབ་གསོ་སྤེལ་བ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱ་བའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ། ལམ་ལུགས་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ལག་བསྟར་དང་དངོས་འབེབས་ལ་ཤུགས་སྣོན་པ། ཏང་ཡོན་གྱིས་རང་རྟོགས་སྒོས་གདོང་མཆོང་དཔེ་ལེགས་ནུས་པ་འདོན་པར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས། 《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དེ་སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་དུ་བརྩིས་ནས། 《སྲོལ་ཡིག》གི་གཏན་འབེབས་སོ་སོ་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་སྐབས་ཀྱི་གནས་ཚུལ་དང་གྲོས་གཞི་གལ་ཆེན་དུས་ལྟར་དུ་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།