ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ནང་ཆེན་རྫོང་གིས་ཧུར་ཐག་གིས་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་བསྒྱུར་པ།

དབུལ་སྐྱོར་ཉིན་མོའི་བྱེད་སྒོ་སྤེལ་བ།
སྤྲེལ་ཚ་ཞང་གཡེར་བ་སྡེ་བའི་གཞན་ཡུལ་དབུལ་སྐྱོར་གནས་སྤོར་ས་གནས།
ཁེ་སྤོགས་བགོ་བའི་ཡུལ་དངོས།
ཟུར་མང་ཞང་གནམ་གྱི་ཕྱེད་ཀ་བུད་མེད་མཉམ་ལས་ཁང་།
ཉག་ལ་ཞང་རྡོ་བརྐོས་སྒྱུ་རྩལ་གསོ་སྦྱོང་འཛིན་གྲྭ།

ནང་ཆེན་རྫོང་གིས་རྒྱུན་ཆད་མེད་པར་ཐོན་ལས་དབུལ་སྐྱོར་ལ་དམ་པོར་དམིགས་ནས། མཉམ་ལས་ཁང་གི་གཉེར་སྐྱོང་དཔེ་དབྱིབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། རོང་འབྲོག་མང་ཚོགས་ལ་ནས་དང་ནོར་གནག འོད་ཧྥུ། ཡུལ་སྐོར། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བར་སྐུལ་མ་དང་སྣེ་ཁྲིད་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་འཕར་ཐབས་ལམ་སྔར་ལས་རྒྱ་ཆེར་བཏང་།