ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྤྱི་བདེ་ལས་ཁུངས་ཀྱིས་ལོ་ངོ་གཅིག་རིང་ལ་ཉེས་ཅན་ཚོགས་པ1759གཏོར་བ་རེད།

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས2019ལོའི་ཟླ11པ་ནས2020ལོའི་ལོ་མཇུག་བར་གྱི་དུས་ཡུན་ལོ་གཅིག་གི་རིང་ལ་ཆེད་དོན་འགུལ་སྐྱོད་སྤེལ་བའི་ཚུན་དུ། བསྙད་འདོགས་རྒྱུ་འཕྲོག་བྱེད་པ་དང་བསམ་ངན་གྱིས་གྱོང་གསབ་ལེན་པ་སོགས་ཀྱི་ནག་ཕྱོགས་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་པ1759མེད་པར་བཟོས་ཤིང་།དོགས་ཡོད་ཉེས་ཅན་ཁྲི1.7འཛིན་བཟུང་བྱས།

སྤྱི་བདེ་པུའུ་ཡིས2020ལོའི་ཟླ12པའི་ཚེས24ཉིན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཆ་འཕྲིན་དྲ་བ་བེད་སྤྱད་ནས་ནག་ཕྱོགས་སྟོབས་ཤུགས་ཀྱི་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་དང་བཅོས་སྐྱོང་བྱས་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ་དོགས་ཡོད་ཉེས་ཅན་ཁྲི1.64བཀག་ཉར་བྱས་པ་དང་། ཉེས་དོན་གྱོད་གཞི་ཁྲི3.2རྩད་ཆོད་བྱུང་ལ།གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་སྒོར་དུང་ཕྱུར299.5ཞིབ་བཤེར་རྩིས་ལེན་བྱས། །

《ནུབ་མཚོ་གྲོང་ཁྱེར་ཚགས་པར》ལྟར།