ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ད་ལོར་ཞིང་ཆེན20ཡིས་གློག་རྡུལ་འགྲུལ་སྐྱེལ་སྤ་སེ་ཁྱབ་གདལ་གཏོང་རྒྱུ་རེད།

2020ལོའི་ཟླ12པའི་ཚེས24ཉིན་གསར་འགོད་པས་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་གཅིག་འདོམས་བྱས་ཏེ།འགྲིམ་འགྲུལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིག་ནུས་འགྲིམ་འགྲུལ་ཇེ་མགྱོགས་སུ་གཏོང་བར་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྔོན་སྐྱོད་པ་ལེགས་པོ་ཞིག་བྱ་རྒྱུ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།ད་ལོར་འགྲིམ་འགྲུལ་སྐྱེལ་འདྲེན་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་དང་།ལྕགས་ལམ་དང་མཁའ་ལམ་སོགས་ཀྱི་མུ་འབྲེལ་སྐྱེལ་འདྲེན་ཞབས་ཞུ་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས། འགྲུལ་པའི་ཕྱིར་སྐྱོད་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལྟར་འགྲུལ་སྐྱེལ་བྱེད་པར་སྐུལ་མ་བྱེད་པ་དང་ཚད་ལྡན་དུ་གཏོང་རྒྱུ་རེད། ཞིང་ཆེན20ལ་གཞུང་ལམ་གྱི་འགྲུལ་སྐྱེལ་ཐད་གློག་རྡུལ་འགྲུལ་སྐྱེལ་སྤ་སེ་ཁྱབ་གདལ་གཏོང་བ་མངོན་འགྱུར་བྱས་ཏེ། “གདོང་བཤེར”བྱས་ཏེ་ས་ཚིགས་སུ་བསྐྱོད་པ་དང་རླངས་འཁོར་དུ་སྡོད་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། རྒན་པ་རྣམས་ཀྱིས་རིག་ནུས་ལག་རྩལ་སྤྱོད་པའི་ཐད་ཀྱི་དཀའ་ཁག་སེལ་གང་ཐུབ་བྱས་ཏེ། རྒྱུན་ལྡན་ངང་འགྲིམ་འགྲུལ་ཕྱིར་སྐྱོད་སྟབས་བདེ་ཡོང་བར་བྱེད་རྒྱུ་ཡིན་པ་དང་།“ཁ་ལོ་བའི་ཁྱིམ་ཚང”300འཛུགས་སྐྲུན་བྱེད་རྒྱུ་རེད། ། 《ནུབ་མཚོ་གྲོང་ཁྱེར་ཚགས་པར》ལྟར།