ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཙང་པོའི་མགོ་ཁུངས།

ཝ་གཞོང་མཚོ།
གངས་ཆུ།
མཚོ་སྔོ་རེངས།
རུག་གུ་མཚོ།
ཆུ་ལེན་བུ་མོ།

གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཆུ་དང་མཚེའུ། ན་འདམ། འཁྱགས་ཀླུང་མང་པོ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1800ལ་སླེབས་པས། གོ་ལ་ཧྲིལ་པོའི་དེང་རབས་འཁྱགས་ཀླུང་འདུ་ཚོགས་ས་གནས་གྲས་ཀྱི་གཅིག་ཡིན་ལ། ཨ་ཤེ་ཡ་དང་ཐ་ན་འཛམ་གླིང་སྟེང་ཆུ་དང་གཙང་པོ་ཆེན་པོ་ཆེས་གཅིག་འདུས་ཀྱི་ས་ཁུལ་ཡང་ཡིན། གཙང་པོ་གསུམ་པོས་ལོ་རེར་ཆུ་སྨད་ལ་ཆུ་རྒྱ་དཔངས་སྨི་དུང་ཕྱུར600ལྷག་མཁོ་འདོན་བྱེད་བཞིན་ཡོད་ལ། ཀྲུང་གོའི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ས་གནས་གལ་ཆེན་དུ་གྱུར་ཡོད། སྤྱིར་ན“ཀྲུང་ཧྭའི་ཆུ་ལྕོག”དང“གོ་ལའི་དོན་སྙིང་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁུལ་གལ་ཆེན”སོགས་ཀྱི་མཚན་སྙན་མངའ།