ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྨ་ཆེན་རྫོང་གིས“ཅན་བཅུའི་ཏང་འཛུགས་སྐྲུན”ལ་བརྟེན་ནས་དབུལ་སྐྱོར་ཁྱབ་ཁོངས་དག་ཐེར་བཅོས་སྐྱོང་ལ་སྣེ་འདྲེན་བྱས་པ།

རྨ་ཆེན་རྫོང་གིས“ཅན་བཅུའི་ཏང་འཛུགས་སྐྲུན”ལ་བརྟེན་ནས་དབུལ་སྐྱོར་ཁྱབ་ཁོངས་དག་ཐེར་བཅོས་སྐྱོང་ལ་སྣེ་འདྲེན་བྱས་པ།

ད་ལོ་ནས་བཟུང་སྟེ་མགོ་ལོག་ཁུལ་རྨ་ཆེན་རྫོང་སྒྲིག་ཨུའི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ནུས་ལྡན་གྱི་སྒོ་ནས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཅི་ཡོད་དག་ཐེར་བཅོས་སྐྱོང་བྱེད་པའི་གཙོ་ཐིག་འདི་ཉིད་ལ་དམ་པོར་དམིགས་ཏེ། དངོས་གནས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྒྱལ་ཕམ་ཐག་གཅོད་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དབུལ་ཐར་འགག་སྒྲོལ་གྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པར་ལྟ་སྐུལ་ཏན་ཏིག་བྱ་རྒྱུ་དེ་བྱ་བའི་གཙོ་གནད་དུ་བརྩིས་པ་དང་།“ཅན་བཅུའི་ཏང་འཛུགས་སྐྲུན”སྣེ་འདྲེན་བྱེད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། གོང་འོག་མཉམ་འགུལ་དང་གནད་འཁེལ་ཤུགས་འདོན་གྱི་དཔེ་དབྱིབས་རྣམ་པའི་ལྟ་སྐུལ་བྱེད་སྟངས་སྤྱད་པ་རེད།

གྲོང་གསེབ་རིམ་པའི་གཙོ་གནད་ལས་གཞིའི་རྣམ་གྲངས་ལག་བསྟར་དང་མ་དངུལ་བཀོལ་སྤྱོད། འགན་འཁྲི་དངོས་འབེབས་དོན་འཁྱོལ་སོགས་ཀྱི་ཕྱོགས་ལ་དམིགས་ནས། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་སྡེ་བ་རིམ་པའི“ཅན་བཅུའི་ཏང་འཛུགས་སྐྲུན”གྱི་ལས་བྱེད་ཚན་ཆུང11ཁྲོད་ཀྱི་ལས་ཕྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་སྒྲིག་འཛུགས་བྱས་ཤིང་། སྣོལ་སྡེབ་ཞིབ་བཤེར་དང་མཉམ་འབྲེལ་ཞིབ་བཤེར་གྱི་བྱ་བ་སྤེལ། དབུལ་ཕོངས་རྫོང་གི་དབུལ་ཐར་ཕྱིར་འབུད་ཀྱི་ཆེད་དོན་དཔྱད་དཔོག་དང“ཡག་ཐོག་རྒྱན་གཙགས”ཀྱི་ཆེད་དོན་བྱ་འགུལ། དམག་འཐབ་ལ་ལྟ་སྐུལ་བྱེད་པའི“མི་འདོར་བ་བཞི”སྲ་བརྟན་དང་མཐོར་འདེགས་གཏོང་བ་སོགས་ཀྱི་བྱ་བ་གང་མང་ལ་དམིགས་ཏེ། མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་དང་། ལྟ་སྐུལ་ཞིབ་བཤེར་ཁང་། སྐོར་ཞིབ་ཚན་ཆུང་བཅས་ཀྱི་བསྡམས་བཀྱིགས་མཉམ་སྡེབ་རྣམ་པའི་ལྟ་སྐུལ་བྱེད་སྟངས་ཤིག་སྒྲིག་འཛུགས་བེད་སྤྱོད་བྱས་ཡོད་ལ། བསྡོམས་པས་ལྟ་སྐུལ་ཞིབ་བཤེར་ཐེངས24ཙམ་ལ་བྱས་པ་དང་། གནད་དོན78ལ་དག་ཐེར་བཅོས་བསྒྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རྫོང་ཡོངས་ཀྱི་ཞང་གྲོང་རྡལ8དང་ལས་རིགས་སྡེ་ཁག20ལྷག་གིས་ཀྲུང་དབྱང་གི་ཆེད་དམིགས་སྐོར་གཟིགས་ཀྱི“ཕྱི་མིག་བལྟ་བ”ལ་ཚུར་ལན་སློག་པའི་གནད་དོན15དང་གྲུབ་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་སློག་པའི་གནད་དོན21ཙམ་དག་ཐེར་བཅོས་བསྒྱུར་དང་དངོས་འབེབས་དོན་འཁྱོལ་བྱེད་པའི་ཐད་ཆེད་དམིགས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

དེ་དང་ཆབས་ཅིག་ཏུ། རྫོང་སྒྲིག་ཨུའི་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ“ཚོགས་འདུ་ལྔ་དང་ཚོད་ལྟ་གཅིག་དང་ཞིབ་བཤེར་གཅིག”གི་ལས་ཀའི་བྱེད་ཐབས་རྒྱུན་འཁྱོངས་བྱས་པར་མ་ཟད། ཉིན་རྒྱུན་གྱི་ལྟ་སྐུལ་དང་།ཆེད་དམིགས་ཀྱི་སྐུལ་བཤེར། སྐོར་གཟིགས་སྐོར་ཞིབ་བཅས་ལ་ཕན་ཚུན་ཟུང་འབྲེལ་བྱས་ནས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཅི་ཡོད་ཆེད་དམིགས་བཅོས་སྐྱོང་བྱེད་པའི་བྱ་བ་ཏན་ཏིག་གིས་སྐུལ་འདེད་བྱས་པ་དང་། ཁྱོན་བསྡོམས་པས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ25བདག་སྤྲོད་བྱས་པར་མ་ཟད་ཐག་གཅོད་བྱས་པ་དང་། མི26ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཅིང་། མི21ལ་བསླབ་འདོམས་སྐུལ་ལྕག་གི་ཁ་ཏ་གླེང་མོལ་བྱས་པ་དང་། མི13ལ་ཁ་ཆད་བཏབ་ནས་གླེང་མོལ་བྱས་ལ། མི1ལ་བརྡ་ཁྱབ་བཏང་ནས་ཡོངས་བསྒྲགས་བྱས། སྒྲིག་འགལ་ཁྲིམས་འགལ་བྱས་པའི་མ་དངུལ་སྒོར་ཁྲི་178.79རྩིས་ལེན་བྱས་པ་དང་། དངོས་གནས་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ལེགས་པར་འཁྱོངས་ཕྱིར་ཏང་འཛུགས་སྐྲུན་གྱིས་སྲ་ཞིང་བརྟན་པའི་ལྟ་སྐུལ་འགན་སྲུང་ཏན་ཏིག་བྱས་ཡོད་པ་རེད། །