ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པདྨ་རྫོང་གིས“ཤུགས་ཆེར་གཏོང་བ་ལྔ”ལ་བརྟེན་ནས་ལས་བྱེད་པས་འགན་འཁྲི་ཁུར་དུ་ལེན་པར་སྐུལ་ལྕག་བཏང་བ།

དེ་ཡང་རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། ཁག་འཁུར་དང་དུ་ལེན་སྤོབས་པ། བྱ་བ་སྒྲུབ་མཁས་པ་བཅས་ལ་སྐུལ་ལྕག་གཏོང་བའི་ཆེད་དུ། པད་མ་རྫོང་གིས་ལས་བྱེད་པའི་བསམ་བློའི་སློབ་གསོ་ཤུགས་ཆེར་གཏོང་བ་དང་མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཤུགས་ཆེར་གཏོང་བ། ནོར་འཁྲུལ་ཡོ་བསྲང་བྱེད་པ། གཅེས་སྐྱོང་བྱེད་པར་སྐུལ་ལྕག་གཏོང་བ། བྱ་བའི་ལམ་སྲོལ་ནང་རྐྱེན་ཤུགས་ཆེར་གཏོང་བ་བཅས་ཀྱི་ཕྱོགས་ལྔའི་ཐད་ནས་མགོ་བརྩམས་ཏེ། ལས་བྱེད་པས་འགན་འཁྲི་ཁུར་དུ་ལེན་ཕོད་པར་སྐུལ་ལྕག་བཏང་ཡོད།

ལས་བྱེད་པའི་བསམ་བློའི་སློབ་གསོ་ཤུགས་ཆེར་བཏང་བ། དེ་ཡང“དམར་དམག་ལུང་པ”དང“རིག་གནས་ལོ་རྒྱུས་ཁང”སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་གཞི་རྟེན་དུ་བཅོལ་ནས། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། རྒྱ་ཆེའི་ལས་བྱེད་པས་གཙོ་གནད་ལས་འགན་ལ་དམིགས་པར་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ། “མདོག་གསུམ་པདྨ”འཛུགས་སྐྲུན་བྱེད་པ་གཙོ་ཐིག་ཏུ་བཟུང་ནས། བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་བྱ་གཞག་སྣ་ཚོགས་ལ་སྐུལ་འདེད་བཏང་།

མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་དུ་ཤུགས་ཆེར་བཏང་བ། “སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་དམིགས་སུ་འཛིན་པ”ཡི་མི་འདེམ་སྤྱོད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ནས། འགན་འཁྲི་འཁུར་ཕོད་པ་དང་། ཁག་འཁུར་དང་དུ་ལེན་སྤོབས་པ། བྱ་བ་སྒྲུབ་མཁས་པ། གྲུབ་འབྲས་ངོ་མ་འབུར་དུ་ཐོན་པ་བཅས་ཀྱི་ལས་བྱེད་པ་རྣམས་ཤུགས་ཆེན་པོས་འདེམ་བསྐོ་བྱས། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་མཐོ་ཚད་ནས་ལས་བྱེད་པས་འགན་འཁྲི་ཁུར་དུ་ལེན་མིན་ལ་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ལོ་རྒྱུས་དང་རྩོད་སྒྲུབ་ཀྱི་སྒོ་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “གཞི་རིམ་ལ་ཁ་ཕྱོགས་པ་དང་ཡུལ་དངོས་དང་པོར་ཁ་ཕྱོགས་པ”ཡི་འདེམ་བསྐོའི་ཚད་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནམ་ཡང་གཡོ་འགུལ་མེད་པར་བྱས།

ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་ནང་རྐྱེན་ཤུགས་ཆེར་བཏང་བ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་འབྲེལ་གཏུག་མཐུན་སྦྱོར་ནང་རྐྱེན་བཙུགས་ཏེ། ནོར་འཁྲུལ་འབྱུང་སླ་བ་ལ་འགན་འཁྲི་མེད་པ་དང་། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་ཀྱི་ཡིག་བསྐུར་ངོ་བཅར་ཐེར་འདོན་གོང་ཞུའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། དྭངས་གསལ་སྲུང་སྐྱོབ་ཀྱི་ལམ་སྲོལ་ནང་རྐྱེན་འཐུས་ཚང་དུ་བཏང་ཞིང་། དུས་ཐོག་ཏུ་ལས་བྱེད་པའི་ཐོབ་ཐང་སླར་གསོ་བྱས་ནས་ལག་ཐོག་ཏུ་འགོད་རྒྱུ་མ་ཟད། ལས་བྱེད་པར་སྲུང་སྐྱོབ་བྱེད་པའི་རྣམ་འགྱུར་གསལ་པོ་མཚོན་པ་དང་། ལས་བྱེད་པས་འགན་འཁྲི་ཁུར་དུ་ལེན་ཕོད་པ་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་ལྕག་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།

ལས་བྱེད་པས་གཅེས་སྐྱོང་བྱེད་པར་སྐུལ་ལྕག་གཏོང་བ་ཤུགས་ཆེར་བཏང་བ། སྙིང་གཏམ་བཤད་རེས་དང་ཁ་ཏ་གླེང་མོལ་བྱེད་པའི་ལམ་སྲོལ་ནང་རྐྱེན་གཏིང་ཟབ་ཏུ་བཏང་སྟེ། སྙིང་གཏམ་བཤད་རེས་དང་ཁ་ཏ་གླེང་མོལ་བྱེད་པའི་ཐབས་ལམ་གེགས་མེད་ཤར་གཏོང་ཐུབ་པར་བྱས་པ་དང་། སྙིང་གཏམ་བཤད་རེས་དང་ཁ་ཏ་གླེང་མོལ་བྱ་རྒྱུ་དེ་དངོས་གནས་རྒྱུན་རྣམ་ཅན་ལ་འགྱུར་དུ་བཅུག་ཐོག ལས་བྱེད་པ་དང་ལས་བཟོ་པའི་སྨན་བཅོས་ལུས་གསོ་དང་དཀའ་ངལ་ཡོད་པའི་ལས་བྱེད་པ་དང་ལས་བཟོ་པར་ཉེ་བཅར་འཚམས་འདྲི་བྱེད་པའི་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཁ་ཁོག་མེད་པར་སེམས་གཏིང་ནས་ལས་བྱེད་པ་རྒན་གྲས་ཀྱི་བྱ་བ་ལེགས་པར་བསྒྲུབས་ཡོད།

ལས་བྱེད་པའི་བྱ་བའི་ནང་རྐྱེན་ཤུགས་ཆེར་བཏང་བ། ལས་བྱེད་པས་གནང་བ་ཞུས་པ་དང་གནང་བ་ལོངས་པའི་ཡར་ཞུ་ལམ་ལུགས་དང་དུས་བཅད་ལྟར་སྙན་སེང་ཞུ་བའི་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་དོན་འཁྱོལ་བྱས་ཏེ། ལས་བྱེད་པས་གནང་བ་ཞུས་པ་དང་གནང་བ་ལོངས་པའི་གནས་ཚུལ་དེ་དག་དུས་ཚིགས་ཀྱི་དཔྱད་ཞིབ་དང་། ལོ་ཧྲིལ་པོའི་སྔོན་ཐོན་ཕུལ་བྱུང་སྡུར་འདེམ་དང་འགན་འཁྲི་རྩད་གཅོད་བྱེད་པ་ལ་ཕན་ཚུན་ཟུང་འབྲེལ་བྱས། གཞུང་ཞབས་པའི་རྒྱུན་གཏན་དཔྱད་ཞིབ་ཀྱི་ཡུན་ཕན་ནང་རྐྱེན་བཙུགས་ནས། དཔྱད་ཞིབ་ཀྱི་གཙོ་གནད་འབུར་ཐོན་ཡོང་བར་བྱས་པ་དང་། རིམ་བགོས་རིགས་དབྱེའི་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ལ། དཔྱད་ཞིབ་ཀྱི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། གཞུང་ཞབས་པར་དོ་དམ་བྱེད་པའི་ཕན་འབྲས་དངོས་གནས་མཐོར་འདེགས་བཏང་། །