རང་ཞིང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཐད་ཀྱི་རྣམ་པ་གསར་པ།
ཞིང་པའི་ར་སྐོར་ནང་དུ་གྲ་དག་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། སྡེ་བའི་སྲ་བསྒྱུར་སྲང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་ཡོད་ལ། རིག་གནས་ཐང་ཆེན་དུ་སྡེ་མི་རྣམས་ཀྱིས་དེང་གི་སྲིད་ཇུས་གླེང་ནས་ལུས་ཕུང་སྦྱོང་བརྡར་བྱེད་བཞིན་ཡོད་པར་མ་ཟད། མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་སུ་ཕྱིན་ནས་ཞིང་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།