ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་འགྲེལ་བཤད་རགས་བསྡུས་མ།

མགོ་ལོག་ཁུལ་ཨུའི་ཏང་གི་སློབ་གྲྭ།ལྷ་མཆོག་རྒྱལ།

དང་པོ། འཐབ་ཇུས་ཀྱི་མཛུབ་སྟོན་བསམ་བློ།

ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ན། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་པར་ཤུགས་སྣོན་པ་དང་། ལས་དོན་བརྟན་བརླིང་ངང་འཕེལ་བའི་སྤྱིའི་གོམ་འགྲོས་རྒྱུན་འཁྱོངས་དང་། ཧ་ཅང་བརྟན་པོའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བསྐྱེད་པ་དང་། སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པ་གཙིགས་སུ་བཟུང་ནས། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ནང་གི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད།《ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང་《ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད(2018-2022)》 《དམིགས་བསལ་གྱིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། “ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ》སོགས་ཀྲུང་དབྱང་རིམ་པའི་ཡིག་ཆའི་དགོངས་དོན་ལ་རྒྱུས་ལོན་ཡང་དག་དང་བྱེ་བྲག་གི་བླང་བྱ་ལ་ཞིབ་འཇུག་ཟབ་མོ་བྱས་ཐོག རང་ཞིང་དང་ས་གནས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་བཀོད་སྒྲིག་དང་གོམ་འགྲོས་དང་ཚད་གཞི་ལྟར།ཡུལ་དུས་ལ་འཚམ་པའི་སྒོ་ནས་ཞིབ་ཕྲའི་འཆར་གཞི་བཀོད་ཅིང་ལག་བསྟར་བྱེད་དགོས།

གཉིས་པ། འཐབ་ཇུས་ཀྱི་ངོ་བོ།

འཐབ་ཇུས་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་ཞིང་སྡེ་ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོར་འབྲེལ་བ་ཡོད་པའི་རྩ་བའི་གནད་དོན་ཞིག་ཡིན་པས། ‘ཞིང་གསུམ’གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་གི་བྱ་བའི་གཙོ་གནད་དུ་བཟུང་སྟེ། ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས”ཞེས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྐབས་སུ་བཏོན་ཅིང་། དེ་དང་བསྟུན་ནས་ཏང་ཀྲུང་དབྱང་གིས2018ལོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བར་གྱི《གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད(2018-2022)》བསྒྲིགས་ཤིང་བསྒྲགས་པ་རེད།

1. དམིགས་བྱ།

དུས་རབས་གསར་པའི་ཀྲུང་གོའི་སྤྱི་ཚོགས་ཀྱི་གནས་བབ་གསར་པ་དང་ཆབ་དཔལ་རིག་གསུམ་གྱི་འཕེལ་འགྱུར་གསར་པའི་ལག་ལེན་གཞིར་བྱས་ཏེ། ཏང་ཀྲུང་དབྱང་གིས“ལོ་བརྒྱ་ཕྲག་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ཁྲིད་སྟོན་དང་། ཞིང་ལས་དང་ཞིང་སྡེའི་ཞན་ཆའི་གནད་དོན་ཁྲིད་སྟོན་ལ་དམིགས་ནས་འཐབ་ཇུས་འདི་བཏོན་པ་རེད།

2. འཐབ་ཇུས་ཀྱི་ལག་བསྟར།

《ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད(2018-2022)》ནང་བཀོད་སྒྲིག་བྱས་པ་ལྟར་ན།འཐབ་ཇུས་འདིར་གོམ་སྟབས་གསུམ་ལ་དམིགས་ཚད་གསུམ་གྱི་ལག་བསྟར་འཆར་འགོད་བྱས་ཡོད་དེ། 2020ལོའི་ཚུན། ཞིང་སྡེ་དར་རྒྱས་གཏོང་བར་གྲུབ་འབྲས་གལ་ཆེན་ལེན་པ་དང་གཞི་རྩའི་སྒོ་ནས་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་ཀྱི་མ་ལག་གྲུབ་ཏུ་འཇུག་པ། 2035ལོའི་ཚུན། ཞིང་སྡེའི་དར་རྒྱས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་གཞི་རྩའི་སྒོ་ནས་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མངོན་འགྱུར་འབྱུང་དུ་འཇུག་པ། 2050ལོའི་ཚུན། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་སྟེ། ཞིང་ལས་ལ་སྟོབས་ལྡན་པ། ཞིང་སྡེར་མཛེས་སྡུག་ལྡན་པ། ཞིང་པ་འབྱོར་ཕྱུག་ལྡན་པ་བཅས་མངོན་འགྱུར་འབྱུང་དུ་འཇུག་པ་བཅས་ཡིན། འཐབ་ཇུས་འདི་ཉིད་གོམ་སྟབས་གསུམ་ལ་དམིགས་ཚད་གསུམ་གྱི་འཆར་འགོད་ལྟར་ལག་བསྟར་བྱ་དགོས་ཚེ། དེའི་ལག་བསྟར་ཁྲོད་སྲོག་ཏུ་བཀུར་དགོས་པའི་རྩ་དོན་དང་གནད་དུ་འཛིན་དགོས་པའི་འགག་རྩ། རྣལ་དུ་ཞུགས་དགོས་པའི་བགྲོད་ལམ་ནི་མེད་དུ་མི་རུང་བས་འདིར་རེ་རེ་བཞིན་འཆད་པར་བྱ།

(1) རྩ་དོན་དང་གནད་འགག

འཐབ་ཇུས་ལག་བསྟར་ཁྲོད་སྲོག་ཏུ་བཀུར་དགོས་པའི་རྩ་དོན་བརྒྱད་ནི། 1.ཏང་གིས་ཞིང་སྡེའི་ལས་དོན་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 2.དམིགས་བསལ་གྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 3.ཞིང་པའི་བྱེད་པོའི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས། 4.ཁྱོན་ཡོངས་ནས་ཞིང་སྡེ་དར་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 5.གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 6.མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། 7.བཅོས་བསྒྱུར་གསར་གཏོད་དང་སེམས་ཤུགས་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། 8.ཡུལ་དུས་དང་བསྟུན་ཞིང་གོམ་གང་མདུན་སྤོས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།

འཐབ་ཇུས་ལག་བསྟར་ཁྲོད་གནད་དུ་འཛིན་དགོས་པའི་འགག་རྩ་བཞི་ནི། 1.ཞིང་སྡེའི་ལས་དོན་གྱི་ཏང་གི་མགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་ཡོང་དགོས་ཏེ། ཏང་གི་མགོ་ཁྲིད་ཀྱི་ལས་འགན་དང་འགན་འཁྲི་གཏན་འབེབས་སྒོས་ལས་དོན་སྡེ་ཁག་འཛུགས་སྐྱོང་བྱས་ནས། ཡུལ་དུས་དང་འཚམ་པའི་ཇུས་གཞི་འདོན་པ་དང་། འཐབ་ཇུས་ལག་བསྟར་ལ་མཛུབ་སྟོན་དང་འཐབ་ཇུས་དོན་འཁྱོལ་ཡོང་ཆེད་བྱ་བའི་མགོ་མཇུག་བར་གསུམ་ལ་ལྟ་སྐུལ་ལྟ་ཞིབ་བྱེད་དགོས། 2.ཏང་གི་ཞིང་སྡེའི་ལས་དོན་སྲོལ་ཡིག་གཏན་འབེབས་བྱེད་པ་སྟེ། ཏང་གིས་ཞིང་སྡེའི་ལས་དོན་ལ་མགོ་ཁྲིད་པའི་སྲོལ་རྒྱུན་དང་རེ་བ་དང་སྲིད་ཇུས་སོགས་ཏང་ནང་གི་ཁྲིམས་སྲོལ་ལྟར་གཏན་འབེབས་བྱས་ནས། འཐབ་ཇུས་ལ་གྲུབ་འབྲས་ཡོད་པའི་སྒོ་ནས་ལག་བསྟར་ཡོང་བར་ཁག་ཐེག་བྱེད་དགོས། 3.“ཞིང་གསུམ”གྱི་ལས་སྒྲུབ་དཔུང་སྡེ་འཛུགས་སྐྱོང་བྱེད་པ་སྟེ། ཞིང་གསུམ་གྱི་ལས་དོན་ལ་མཁས་ཤིང་འཛིན་ཤེས་པའི་རིམ་པ་མི་འདྲ་བའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གསོ་སྐྱོང་དང་འདེམས་བསྐོ་བྱེད་པ་དང་། འཇོན་ཐང་ཅན་གྱི་མི་སྣ་བཀུག་སྟེ་ཞིང་ལས་ལ་མཁས་པ་དང་ཞིང་སྡེར་དགའ་བ་དང་ཞིང་པ་ལ་དུངས་པ་གཞི་རྩའི་ཚད་གཞི་བྱས་ནས་ལས་སྒྲུབ་དཔུང་སྡེ་གསོ་སྐྱོང་དང་བཀོད་སྒྲིག དོ་དམ། བཀོལ་སྤྱོད་བཅས་བྱེད་དགོས། 4.ཞིང་སྡེ་དར་རྒྱས་གཏོང་བའི་འཆར་འགོད་ལ་སྣེ་ཁྲིད་ལེགས་པོ་བྱེད་པ་སྟེ། ཡུལ་དུས་ཀྱི་བྱ་བའི་གནད་ལ་དམིགས་ནས2022ལོའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐབས་སུ་སླེབས་དུས་ཀྱི་དམིགས་ཚད་གཏན་འབེབས་བྱེད་པ་དང་འཆར་གཞི་འགོད་པ་དང་སྲིད་ཇུས་ལག་བསྟར་བྱས་ནས། འཆར་གཞི་གལ་ཆེན་དང་ལས་གཞི་གལ་ཆེན་དང་འགུལ་སྐྱོད་གལ་ཆེན་བཀོད་སྒྲིག་བྱེད་དགོས།

(2) ཐུན་མིན་གྱི་བགྲོད་ལམ།

རྩ་དོན་བརྒྱད་དང་གནད་འགག་བཞི་ཐིག་རྩ་རུ་བཟུང་ནས་འཐབ་ཇུས་འདི་ཉིད་ལམ་ཅི་འདྲ་ཞིག་ལ་བགྲོད་དགོས་ཤེ་ན། 1.གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུར་བགྲོད་དགོས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འདྲ་མཉམ་གྱིས་དར་རྒྱས་གཏོང་བའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ངེས་པར་དུ་བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་གྲོང་གསེབ། གྲོང་པ་དང་ཞིང་པ་བཅས་ཚོགས་པ་གཅིག་ཏུ་བསྡུས་ཤིང་། བཟོ་ལས་དང་གྲོང་ཁྱེར་གྱིས་ཞིང་ལས་དང་ཞིང་སྡེར་དབང་བསྒྱུར་བའི་རྣམ་པ་རྩ་བ་ནས་བསྒྱུར་ཐོག དམིགས་བསལ་གྱིས་ཞིང་ལས་དང་ཞིང་སྡེའི་ཞན་ཆ་གསབ་སྟེ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་གང་ཡང་ཆད་ལུས་ཤོར་དུ་འཇུག་མི་རུང་། 2.ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བགྲོད་དགོས་ཏེ། ཞིང་སྡེའི་ཆེས་རྨང་གཞིའི་ཞིང་ལས་གཉེར་སྐྱོང་ལམ་ལུགས་སྔར་བས་སྲ་བརྟན་དང་ལེགས་བཅོས་འཐུས་ཚང་བྱས་ནས། ཞིང་ལས་གཉེར་སྐྱོང་བྱེད་སྟངས་ཀྱི“འཕོ་འགྱུར་གཉིས”མངོན་འགྱུར་བྱས་ཐོག ཁྱིམ་ཚང་གི་ཞིང་ལས་གཉེར་སྐྱོང་དེ་གཞི་ཁྱོན་ཡོད་ཅིང་ཞིབ་ཚགས་ལྡན་པའི་དེང་རབས་ཞིང་ལས་ཀྱི་འཕེལ་རྒྱས་ལམ་དུ་དྲངས་དགོས། 3.སྤུས་དག་གི་སྒོ་ནས་ཞིང་ལས་དར་རྒྱས་གཏོང་བའི་ལམ་བུར་བགྲོད་དགོས་ཏེ། ངེས་པར་དུ་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལ་སྒྱུར་བཅོས་གཏིང་ཟབ་བྱས་ནས། ཐོན་སྐྱེད་མཐོན་པོ་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་སྒྱུར་ཅིང་། གང་མགྱོགས་ཀྱིས་དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་དང་ཚན་རྩལ་གྱི་གསར་གཏོད་ལ་ཤུགས་སྣོན་བྱས་ཐོག་ཚད་ལྡན་གྱི་ཐོན་སྐྱེད་ལ་སྐུལ་འདེད་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་ལས་སྐྱེད་སྲིང་དང་ཚོང་རྟགས་ཁྱབ་བརྡལ་བྱེད་དགོས། 4.ལྗང་མདོག་གིས་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ལམ་བུར་བགྲོད་དགོས་ཏེ། མི་དང་རང་བྱུང་གཉིས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱས་ནས། སྲོལ་རྒྱུན་གྱི་ལྗང་མདོག་རིག་གནས་སྔོག་འདོན་གང་ལེགས་དང་རྒྱུན་འཛིན་དང་གསར་གཏོད་བྱེད་པ་དང་། གྲོང་གསེབ་ཀྱི་ཁོར་ཡུག་གནད་དོན་ཕྱོགས་བསྡུས་ཀྱིས་ལེགས་བཅོས་དང་རི་ཆུ་ནགས་གསུམ་གྱི་མ་ལག་བཅོས་སྐྱོང་ལེགས་པོ་བྱས་ཐོག ལྗང་མདོག་ཞིང་ལས་ཐོན་ལས་ཀྱི་སྒྲོམ་གཞི་གཟུག་པར་ཤུགས་རྒྱག་པ་དང་།སྐྱེ་ཁམས་འཚོ་བར་འཚམ་པའི་ཞིང་སྡེའི་ཁོར་ཡུག་བསྐྲུན་དགོས། 5.ཞིང་སྡེའི་རིག་གནས་འཕེལ་རྒྱས་ཡོད་པའི་ལམ་བུར་བགྲོད་དགོས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ལྡན་མཚོན་བྱ་སྔོག་འདོན་གང་ལེགས་དང་དར་སྤེལ་བཟང་པོ་བྱེད་པ་དང་། (འཕྲོ་མ་པར་ངོས11པར་གཟིགས།)