ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《ཆོད་དོན》དཔར་འགྲེམ་བྱས་ཏེ།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པར་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་དང་དངོས་འབེབས་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འགྲུལ་བཞུད་གསར་པའི་མགོ་རྩོམ་ཆེད། ཉེ་ལམ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་སྐོར་གྱི་ཆོད་དོན》(གཤམ་དུ《ཆོད་དོན》ཞེས་བསྡུས་ཡོད)དཔར་འགྲེམ་བྱས།

《ཆོད་དོན》གྱིས་བསྟན་དོན། མཚོ་སྔོན་དུ་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བྱས་ཡོད་ཅིང་། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཟིན་ཚད་ཆེས་མཐོ་བའི་ཞིང་ཆེན་དང་མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཡིན་པ་དང་། རྒྱལ་ཁབ་ཀྱི་བོད་ལྗོངས་བརྟན་འཇགས་དང་མཐའ་མཚམས་བདེ་འགོད་ཀྱི་འཐབ་ཇུས་འགངས་གནས་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་བྱ་བའི་ཞིང་ཆེན་ཆེན་པོའང་ཡིན། མཚོ་སྔོན་གྱི་མི་རིགས་སོ་སོ་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་ཅིང་། དཔལ་འབྱོར་གཅིག་ལ་གཅིག་བརྟེན་དང་རིག་གནས་སོ་སོ་མཉམ་འདྲེས། ཕན་ཚུན་རེ་བཅོལ་རོགས་རེས་བཅས་བྱེད་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་དང་མཐུན་སྒྲིལ་གཅིག་གྱུར་གྱི་བསྡུས་གཟུགས་ཤིག་ཡིན། མི་རིགས་མཐུན་སྒྲིལ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་པས། མཚོ་སྔོན་དུ་མི་རིགས་མཐུན་སྒྲིལ་གྱི་བྱ་བ་མ་འགྲུབ་ན་ཁྱོན་ཡོངས་བྱ་བ་འགྲུབ་ཐབས་མེད། རང་ཞིང་གི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་བརྟན་སྲུང་གི་དོན་ཆེན་དང་འབྲེལ་ཡོད་ལ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ཀྱི་དོན་ཆེན་དང་འབྲེལ་ཡོད་པར་མ་ཟད། རྒྱལ་ཁབ་ཡུན་བརྟན་བདེ་འགོད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དོན་ཆེན་དང་འབྲེལ་ཡོད།

《ཆོད་དོན》གྱིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་ལ་གཞིགས་ནས་དམིགས་བསལ་གྱི་འགན་འཁྲི་འཁུར་བ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བསྡུས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་བྱེད་པ། ཤུགས་ཡོད་རྒུས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་སྔོན་རྣམ་པ”གསར་བཞེངས་བཅས་བྱས་ལ། དེ་ནི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཡོད་ཚད་རྒྱལ་ཡོངས་ཀྱི་དཔེ་སྟོན་དུ་བསྐྲུན་པ་ཆེས་སྔ་བའི་ཞིང་ཆེན་ཡིན་པ་དང་། རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དང་གྲོང་ཁྱེར་དང་ཆུས་ཀྱི་ཁ་གྲངས་ཕྱེད་ཀ་ལས་བརྒལ་བ་ཆེས་སྔ་བའི་ཞིང་ཆེན་ཡིན་ལ། ཐེངས་གཅིག་ལ་རྒྱལ་ཡོངས་ཀྱི་དཔེ་སྟོན་ཐུན་མོང་རྫོང་དང་གྲོང་ཁྱེར་དང་ཆུས་ཀྱི་མཚན་སྙན་ཐོབ་པའི་ཁ་གྲངས་ཆེས་མང་བའི་ཞིང་ཆེན་ཡིན། “ལོ་གསུམ་ལ་རྨང་གཞི་བརྟན་པོ་འདིང་བ་དང་། ལོ་བརྒྱད་ལ་ཡར་ཐོན་གསར་སྐྲུན་བྱེད་པ”ཡི་འབད་འཐབ་དམིགས་འབེན་སྔོན་ལ་མངོན་འགྱུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་གསར་པ་ཕྱེས།

《ཆོད་དོན》གྱིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་ཆེད་དོན་ཇུས་ཆོད་གལ་ཆེན་རབས་དང་རིམ་པ་བཀོད་སྒྲིག་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་བར་དུས་རབས་ཀྱི་ནང་དོན་གསར་པ་སྤྲད་ནས། སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དང་དངོས་འབེབས་གཏིང་ཟབ་གཏོང་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་རྒྱུ་ཐག་བཅད་པ་དང་། དེ“དཔེ་སྟོན་ལྔ་ཡི་ཞིང་ཆེན”འཛུགས་སྐྲུན་བྱེད་པའི་གྲས་སུ་བཞག་སྟེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འགྲུལ་བཞུད་གསར་པ་མགོ་བརྩམས་ཤིང་། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་བསྐྱོད་པར་ཁག་ཐེག་བྱས།

《ཆོད་དོན》གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་གྲོས་ཚོགས་ཐེངས་བདུན་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་བཅས་ཀྱི་དགོངས་དོན་ལག་ལེན་དང་དངོས་འབེབས་གཏིང་ཟབ་གཏོང་བ་དང་། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། ཀྲུང་ཧྭ་མི་རིགས་གཞི་གཅིག་ཏུ་འདུས་པའི་འདུ་ཤེས་སྲ་བརྟན་གཏོང་བ་གཙོ་ཐིག་ཏུ་འཛིན་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་མདུན་མ་སྐྲུན་པའི”སྤྱིའི་དམིགས་འབེན་དང་དམ་དུ་སྦྲེལ་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཆབ་སྲིད་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྣེ་ཁྲིད་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཀླད་པར་དྲག་ཆས་སྤྲ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། རྒྱལ་གཅེས་རིང་ལུགས་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་དང་གཏིང་ཟབ་སྒོས་སྤེལ་བ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་སྣང་བརྙན་གྱི་བཟོ་སྐྲུན་ལག་བསྟར་བྱེད་པ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཞི་གཅིག་ཏུ་འདུས་པའི་འདུ་ཤེས་བརྟན་པོ་འཛིན་པར་སྣེ་ཁྲིད་བྱེད་པ། “ངོས་འཛིན་ལྔ”ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དེ་མི་རིགས་སོ་སོའི་ཆེས་མཐོའི་ཁེ་ཕན་དུ་འཛིན་པ་བཅས་བྱེད་དགོས། ཏང་ཨུས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱེད་པ་དང་། གསར་སྐྲུན་བྱ་བའི“གཙོ་བཞུགས་མགོ་འཛིན”འོས་འགན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། དམངས་ཡོངས་ཀྱི་མཉམ་སྐྲུན་མཉམ་འཛུགས་མཉམ་སྤྱོད་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་བ། “གནད་ཁེལ་ཇུས་བསྟར་དང་ཞིབ་རྨོ་ཞིབ་འདེབས། གོང་འོག་མཉམ་སྦྲེལ། ཁོངས་ཡོངས་གསར་སྐྲུན”བཅས་ཀྱི་ཕུགས་རིང་ནང་རྐྱེན་འཛུགས་པ་བཅས་བྱས་ནས། གསར་སྐྲུན་བྱ་བ་བརྟན་བརླིང་རྒྱུན་རིང་དང་དུས་བརྟན་ཕན་ནུས་ལྡན་པར་ཁག་ཐེག་བྱེད་དགོས།

སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་བརྟན་པོར་གཏོང་བ། མཚོ་སྔོན་གསར་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ཤུགས་ཚད་སྔར་བས་ཇེ་ཆེར་གཏོང་བ་དང་། རྫོང(གྲོང་ཁྱེར། ཆུས)གིས་ས་ཁུལ་གྱི་དངོས་ཡོད་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་བཟོ་འགོད་དང་དཔེ་སྟོན་ཟོང་རྟགས་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁག་དང་སློབ་གསོ་རྟེན་གཞི། དཔེ་སྟོན་ཞང་གྲོང(སྲང་ལམ)། དཔེ་སྟོན་སྡེ་བ(སྡེ་ཁུལ)དང་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་ས་ཚུགས་བཅས་བསྐྲུན་ནས། དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པར་མི་དང་དངོས་པོ། འགུལ་སྐྱོད་བཅས་ཆ་ཚང་བ་ཞིག་ཡོང་བར་བྱས་ཏེ། རིགས་སོ་སོའི་མི་དམངས་ཀྱིས་མཉམ་སྐྲུན་དང་མཉམ་འཛུགས། མཉམ་སྤྱོད་བཅས་བྱེད་པའི་ཁྱིམ་གཞི་སྐྱིད་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

(འཕྲོ་མ་པར་ངོས8པར་གཟིགས།) འཕེལ་རྒྱས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་ཚུལ་ཅན་དང་དངོས་གཟུགས་ཅན། སྤྱི་དམངས་ཅན་གྱི་སྤྱིའི་རེ་བ་ལྟར། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་བྱེད་པ་དང་གཅིག་གྱུར་འཆར་འགོད་ཀྱིས་སྦྲེལ་མཐུད་དང་ཟུང་འབྲེལ་དམ་ཚགས་བྱས་ཏེ། ལས་རིགས་སོ་སོའི་ཁྱད་ཆོས་མངོན་པར་གསལ་ལ་མེ་ཏོག་མཉམ་བཞད་ཡིན་པའི་གསར་སྐྲུན་ཟོང་རྟགས་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་དང་ཆ་ལག་ཡོངས་སུ་ཚང་བའི་ལས་རིགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁེ་སྤོགས་གཏིང་ཟབ་ཀྱིས་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱས་ཏེ། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་འདྲ་མཉམ་གྱིས་རིགས་སོ་སོའི་མང་ཚོགས་ལ་ཐོབ་ཏུ་འཇུག་དགོས།

འགྲོ་འོང་བརྗེ་རེས་གཅིག་འདྲེས་བྱས་པ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ཆགས་སྟངས་ལ་དམིགས་ནས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་འགྲོ་འོང་དང་བརྗེ་རེས། གཅིག་ཏུ་འདྲེས་པའི་ལོ་རྒྱུས་དོན་དངོས་དང་དངོས་ཡོད་གཏིང་ཟབ་ཀྱིས་སྔོག་འདོན་དག་སྒྲིག་དང་ཞིབ་འཇུག་དྲིལ་སྒྲོག་བྱེད་པ་དང་། གསར་སྐྲུན་བྱ་བའི“བསྐྱོད་པ་བཅུ”ཡི་བྱ་འགུལ་རྒྱུན་མཐུད་སྒོས་སྤེལ་ཞིང་། རིགས་སོ་སོའི་སྤུན་ཟླའི་འདང་བརྩེ་ཟབ་ལ་སོ་སྲུང་རོགས་རེས་བྱེད་པའི་དཔེ་མཚོན་ཅན་བདམས་ནས་གསོ་སྐྱོང་བྱེད་དགོས། ཞིང་ཆེན་ཕྱི་ནང་གི་དཔལ་འབྱོར་དང་རིག་གནས། མི་སྣ་བཅས་ཀྱི་ཕྱོགས་གཉིས་བརྗེ་རེས་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་རིག་གནས་ལུས་རྩལ་བརྗེ་རེས་དང་མཐུན་འབྲེལ་མཉམ་སྤྲོ། མཉམ་འབྲེལ་ལས་སྐྲུན་བཅས་རྒྱ་ཆེར་སྤེལ་བར་སྐུལ་ལྕག་གཏོང་བ། སྡོད་ཁང་དང་འཚོ་བ། བྱ་བ་དང་སློབ་སྦྱོང་། རིག་གནས་རོལ་རྩེད་སོགས་ཉིན་རྒྱུན་གྱི་འཚོ་བའི་གོ་རིམ་ནས་མགོ་བརྩམས་ཏེ། ཕན་ཚུན་གཅིག་ཏུ་སྦྲེལ་བའི་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་གཞིས་ཁུལ་ཁོར་ཡུག་ཅིག་བསྐྲུན་ཞིང་། རིགས་སོ་སོ་མཉམ་སྡོད་དང་མཉམ་སློབ། མཉམ་ལས། མཉམ་སྤྲོ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་རིགས་སོ་སོ་རྒྱ་ཆེར་འགྲོ་འོང་དང་ཁྱོན་ཡོངས་ནས་བརྗེ་རེས། གཏིང་ཟབ་ཀྱིས་གཅིག་ཏུ་འདྲེས་པར་སྐུལ་སྤེལ་གཏོང་བ་དང་། སེ་འབྲུའི་ཚི་གུ་བཞིན་དུ་དམ་དུ་སྦྲེལ་བ་དང་ཕན་ཚུན་ལག་རྡང་སྦྲེལ་ནས་མཛེས་སྡུག་གི་ཁྱིམ་གཞི་མཉམ་སྐྲུན་དང་མཛེས་སྡུག་གི་མ་འོངས་པ་མཉམ་གཏོད་བྱེད་དགོས།

རིག་གནས་འཛུགས་སྐྲུན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་གསོན་ཤུགས་སྩོལ་བ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་གཏོང་བ་རྒྱུན་འཛིན་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་སྟེ། རིགས་སོ་སོའི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དར་སྤེལ་གཏོང་བར་བརྩི་བཀུར་བྱེད་པ་དང་རིགས་སོ་སོའི་མཉམ་སྤྱོད་ཀྱི་ཀྲུང་ཧྭ་རིག་གནས་འཛུགས་སྐྲུན་རྒྱུན་འཛིན་བྱེད་པ་གཉིས་ཟུང་འབྲེལ་དམ་ཚགས་བྱེད་པ་དང་། རིགས་སོ་སོའི་མཉམ་སྤྱོད་ཀྱི་ཀྲུང་ཧྭ་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣང་བརྙན་བསྐྲུན་པ་འབུར་དུ་གཏོད་དགོས། རིགས་སོ་སོའི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་རིགས་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིགས་སོ་སོའི་མཐུན་སྒྲིལ་མཉམ་འདྲེས་དང་སྣ་མང་གཞི་གཅིག་གི་བསམ་པའི་ནང་སྙིང་ཟབ་མོར་འཛུགས་པ་དང་། རིག་གནས་ངོས་འཛིན་གཅིག་མཐུན་བྱུང་བ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་པོར་གཏོང་བ་དང་མི་རིགས་འཆམ་མཐུན་གྱི་རྣམ་ཤེས་གཅིག་སྒྲིལ་བྱས་ཏེ། རིགས་སོ་སོར་ཐུན་མོང་གི་བསམ་པའི་ཁྱིམ་གཞི་ཞིག་བསྐྲུན་དགོས།

ཁྲིམས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་བྱེད་པ། རྩ་ཁྲིམས་དང་མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས་ཁྱོན་ཡོངས་ནས་དོན་འཁྱོལ་དང《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག》ཁྱོན་ཡོངས་ནས་དོན་འཁྱོལ་དངོས་འབེབས་བྱེད་པ། ས་གནས་བཅོས་སྐྱོང་ལམ་ལུགས་གསར་སྐྲུན་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་དང་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་། མི་རིགས་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་ཡང་དག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ལྕགས་ལམ་སྟེང་ཡང་དག་སྒོས་མདུན་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས། 2025ལོའི་བར་དུ་མཚོ་སྔོན་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་ལེགས་པོ། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་སྐྱིད་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ཞིག་ཏུ་བརྩོན་ལེན་བྱས་ཏེ། “བརྒྱ་ལོ་ཕྲག་ཅན་གཉིས”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། །