第12版:མཚོ་སྔོན་བོད་ཡིག་གསར་འགྱུར། 上一版3  4下一版  
 
标题导航
中国藏族网通 | 青海羚网 | 版面导航 | 标题导航
2018年7月9日 星期20
下一篇 4 放大 缩小 默认
རོལ་དབྱངས་གསར་རྩོམ་ཐད་བྱས་རྗེས་བླ་མེད་བཞག་པའི་ཁམས་པའི་ཕོ་རྒོད་བསོད་ནམས་གྲགས་པ།

ཁོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྙན་སྒྲོན་པ་ཞིག་ཡིན་པས།ལོ་ངོ20རིང་ལ་ཡུས་ཧྲུའུ་ཡི་བྱ་འགུལ་ཆེན་པོ་རབ་དང་རིམ་པར་མགོ་འཛིན་བྱས་པ་དང་།ཁོ་ནི་རིག་གནས་སྒྱུ་རྩལ་པ་ཞིག་ཡིན་པས།ཁོས་གསར་སྤེལ་བྱས་པའི《ཐང་བོད་གནའ་ལམ》དང《རྡོ་ཏི》ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་རྩོམ་རིག་དུས་དེབ་གཙོ་གྲས་སུ་གྱུར་ཡོད།ཁོ་ནི་ད་རུང་སྤྱི་ཕན་པ་ཞིག་ཀྱང་ཡིན་པས།མཚོ་སྔོན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་རོལ་དབྱངས་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་རོལ་དབྱངས་ཆེད་མཁས་པའི་བགྲོ་གླེང་སྐབས་དང་པོ་དང་།ལྗང་མདོག་གི་ཁྱིམ་གཞིས་ཏེ་སའི་གོ་ལ་ཧྲིལ་པོ་འཆམ་མཐུན་ཡོང་བའི་སྤྱི་ཕན་དགོང་ཚོགས་ཆེན་མོའི་སྟེང་རོལ་དབྱངས་གསར་རྩོམ་གྱི“སྤྱི་ཕན་གཞུང་ཚབ་ཆེན་མོ”ཡི་མཚན་སྙན་ཐོབ།

ཁོ་ནི་ཡུས་ཧྲུའུ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བསོད་ནམས་གྲགས་པ་རེད།ཉེ་བའི་ལོ་འདི་འགར།ཁོས་བོད་ཀྱི་རིག་གནས་ཀྱི་རོལ་དབྱངས100ལྷག་གསར་རྩོམ་བྱས་པ་དང་།དེའི་ནང་གི་མང་ཤོས་ཤིག་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་ལོ་གསར་དགོང་ཚོགས་སྟེང་གི་བོད་སྐད་རོལ་དབྱངས་ཀྱི་གདམ་ཀ་དང་པོར་གྱུར་ཡོད་ལ།《གཙང་པོའི་མགོ་ཁུངས་ཀྱི་ཡུས་ཧྲུའུ》ཞེས་པ་དེ་ད་རུང་སྐད་རིགས་དང་པར་གཞི10ལྷག་ལ་ཕབ་བསྒྱུར་བྱས་ཏེ།རྒྱལ་ཁབ་དང་ས་ཁུལ100ལྷག་ཏུ་བརྒྱུད་གཏོང་བྱེད་ཀྱིན་ཡོད།

ཉེ་སྔོན།CCTVརྒྱལ་སྤྱིའི་འཕྲིན་ལམ་སྟེང་བསོད་ནམས་གྲགས་པས་གསར་རྩོམ་བྱས་པའི་རོལ་དབྱངས《དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན》ཞེས་པ་དེ་བརྒྱུད་གཏོང་བྱས་པ་དང་།དེ་ནིCCTVརྒྱལ་སྤྱིའི་འཕྲིན་ལམ་གྱིས་རྒྱལ་སྤྱིའི་སྟེང་འོས་སྦྱོར་བྱས་པའི་བོད་ཀྱི་རོལ་དབྱངས་དང་པོ་རེད།རོལ་དབྱངས་དེའི་ཁྲོད་ཀྱི་ཆ་རྒྱུས་ལྡན་པའི་དབྱངས་རྟ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཀྱིས་རྒྱལ་ཡོངས་ཀྱི་ལྟ་མཁན་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་ནི་མིང་གྲགས་གང་ཡང་མེད་པའི་རྫོང་མཁར་ཆུང་ཆུང་ཞིག་ནས་ལོ་མང་གི་འཕེལ་རྒྱས་བརྒྱུད་དེ།མཚོ་བོད་མཐོ་སྒང་དང་ཐ་ན་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་པ་དང་།ཡུས་ཧྲུའུ་མང་ཚོགས་ཀྱི་བསམ་བློའི་རྣམ་པ་དང་དངོས་པོའི་འཚོ་བ་ལའང་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།“དེ་བས་ང་ལ་ཡུས་ཧྲུའུ་གསར་པར་བསྟོད་པའི་རོལ་དབྱངས་གསར་རྩོམ་བྱེད་འདོད་ཧ་ཅང་ཆེ”ཞེས་བསོད་ནམས་གྲགས་པར་སེམས་འགུལ་ཆེན་པོ་ཐེབས་པ་དང་མཉམ་དུ།“ཡུས་ཧྲུའུ་གསར་པར”བསྟོད་པའི་རོལ་དབྱངས་གསར་རྩོམ་བྱེད་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས་པས།《དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན》ཞེས་པ་སོགས་མཐོང་བ་ཀུན་སྨོན་གྱི་རོལ་དབྱངས་སྐོར་ཞིག་བྱུང་བ་རེད།

“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན།འཚོ་བར་ཟབ་ཞུགས་བྱེད་པ་དང་མི་དམངས་ཀྱི་ཁྲོད་དུ་རྐང་བཙུགས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་གནས་སྒྱུ་རྩལ་པ་ཞིག་བྱེད་དགོས།ང་ཚོ་ནི་རིག་གནས་སྒྱུ་རྩལ་པ་ཡིན་ལ།མང་ཚོགས་ཀྱང་ཡིན་པས།འཚོ་བ་དང་མི་དམངས་ཀྱི་ཁྲོད་ནས་མུ་མཐུད་དུ་སྒྱུ་རྩལ་འཚོལ་དགོས།”བསོད་ནམས་གྲགས་པས་དེ་ལྟར་བཤད་པར་མ་ཟད་དེ་ལྟར་བསྒྲུབས་པ་སྟེ།ལོ་མང་པོའི་རིང་ལ་བསོད་ནམས་གྲགས་པས་རྒྱལ་ཁབ་ཕྱི་ནང་གི་གླུ་པ་གྲགས་ཅན་མང་པོར་གཞས་ཚིག་དང་དབྱངས་བརྩམས་ཏེ།གླུ་དབྱངས150ལྷག་གསར་རྩོམ་བྱས་ཤིང་།ཡུས་ཧྲུའུ་ཡི་བོད་ཀྱི་རོལ་དབྱངས་གསར་པ80%བསོད་ནམས་གྲགས་པའི་ལག་ནས་ཐོན་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ།རིག་གནས་ཡིད་རྟོན་ནི་ཡུས་ཧྲུའུ་གྲོང་ཁྱེར་གྱི་རིག་གནས་སྒྱུ་རྩལ་ཁག་གི་གླེང་གནད་དུ་གྱུར་ཡོད་པས།བསོད་ནམས་གྲགས་པའི་སེམས་སུ་རིག་གནས་ཡིད་རྟོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱས་པ་ལས་ཐོན་དགོས་པ་དང་།དེ་ལ་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལས་འཕྲོས་པའི་བསམ་བློ་གཏོང་སྟངས་དང་མི་ཆོས་སྙིང་སྟོབས།ཀུན་སྤྱོད་ཚད་ལྡན་བཅས་སྔོག་འདོན་གཏིང་ཟབ་བྱེད་དགོས་པར་མ་ཟད།དུས་རབས་ཀྱི་བླང་བྱ་དང་ཟུང་དུ་སྦྲེལ་ཏེ་རྒྱུན་འཛིན་དང་གསར་རྩོམ་བྱེད་དགོས་པར་འདོད་ཀྱིན་ཡོད།

རོལ་དབྱངས་གསར་རྩོམ་བྱེད་ཞོར།ཁོ་ད་རུང《དམངས་ཁྲོད་ཀྱི་ལས་གཞས》སྙན་མོ་འཚོལ་བསྡུ་བྱེད་པའི་ལས་ལ་བྲེལ་ཞིང་།རྩོམ་པ་པོའི་མཐུན་ཚོགས་དང་མཉམ་དུ་བོད་སྐད་ཀྱི《རྡོ་ཏི》དང་རྒྱ་སྐད་ཀྱི《ཐང་བོད་གནའ་ལམ》དུས་དེབ་གཉིས་གསར་སྤེལ་བྱས་པས།ཡུས་ཧྲུའུ་ཡི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པའི་ས་གནས་ཀྱི་རིག་གནས་ལ་སྟེགས་བུ་གསར་པ་ཞིག་བསྐྲུན་པ་དང་།ཡུས་ཧྲུའུ་ཡི་རིག་གནས་སྒྱུ་རྩལ་པའི་འཇོན་མི་སྐྱེད་སྲིང་བྱེད་པའི་ཐད་ལམ་བུ་གསར་པ་བཏོད་དེ།རིག་གནས་འཛུགས་སྐྲུན་ཐད་ཀྱི་སྟོང་ཆ་བསྐངས་པ་རེད། །

下一篇 4 放大 缩小 默认
© 版权所有 中国藏族网通 合作伙伴:方正爱读爱看网
 
本网站所刊登的各种新闻﹑信息和各种专题专栏资料,均为中国藏族网通版权所有,未经协议授权,禁止下载使用。
制作单位:中国藏族网通 青ICP证0104257号
   第1版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第2版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第3版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第4版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第5版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第6版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第7版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第8版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第9版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第10版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第11版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第12版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第13版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第14版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第15版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第16版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第17版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第18版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第19版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第20版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第21版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第22版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第23版:མཚོ་སྔོན་བོད་ཡིག་གསར་འགྱུར།  
   第24版:མཚོ་སྔོན་བོད་ཡིག་གསར་འགྱུར།  
རོལ་དབྱངས་གསར་རྩོམ་ཐད་བྱས་རྗེས་བླ་མེད་བཞག་པའི་ཁམས་པའི་ཕོ་རྒོད་བསོད་ནམས་གྲགས་པ།
མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་བློ་སྦྱོང་དོན་ཚན་གྱ་བརྒྱད་ལས་གཞི་རྩའི་ཤེས་བྱ་དང་དགོངས་འཆར།
བདེ་འཇགས་དང་ཕན་འབྲས་ལྡན་པའི་སྦྲུམ་འགོག་བྱེད་ཐབས་སྤྱད་དེ་གནོད་སྐྱོན་ཐེབས་སུ་འཇུག་མི་རུང་།